༢༠༢༤ ཟླ་ ༠༣ ཚེས་ ༡༤ ནས་ ༡༧ བར་ཧད་དྷར་བྷ་དྷི་རུ་རྒྱ་གར་དབུས་རིག་གཞུང་ལྷན་ཚོགས་ནས་གོ་སྒྲིག་གནང་བའི་རྒྱལ་སྤྱིའི་ཆོས་ལུགས་མཐུན་ཚོགས་ནང་གདན་གསུམ་གྲྭ་ཚང་དྲུག་དང་། བཀྲིས་ལྷུན་པོ། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་། སྟག་ཚང་རྭ་སྟོད་གྲྭ་ཚང་བཅས་ཀྱི་དགེ་འདུན་པ་རྣམས་ནས་མཉམ་བཞུགས་གནང་ཡོད། March 20, 2024Events TibetanGeluk Foundation
༄༅། །རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༢ ཚེས་ ༡༤ ནས་ ༡༦ བར་ཉིན་གསུམ་རོང་རིགས་གཅིག་རྐང་འཛིན་ཉམས་ཞིབ་ཀྱི་ལས་འཆར་ཐོག་འབྲུག་རྒྱལ་ཁབ་ནས་ཆེད་ཕེབས་སློབ་དཔོན་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་དང་། གསང་སྔགས་ཀྱི་ཐོག་ལ་ཉམས་ཞིབ་ཀྱི་ཐབས་ལམ་དང་ལུང་མཆན་འགོད་ལུགས་སྲོལ་རྒྱུན་དང་དེང་དུས་གཉིས་ཀའི་སྟེང་ནས་ཟབ་སྦྱོང་དང་སྦྱོང་བརྡར། February 14, 2024Events TibetanGeluk Foundation
༄། དེ་ཡང་རབ་བྱུང་ ༡༧ པའི་ཆུ་ཡོས་ལོའི་བོད་ཟླ་ ༠༨ པའི་ཚེས་ ༠༧/༠༨ ཕྱི་ལོ་ ༢༠༢༣ ཟླ་ ༠༩ ཚེས་ ༢༣ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ནས། ཕྱི་ཚེས་ ༢༤ བར་ཉིན་གཉིས་ཀྱི་རིང་། གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་འདབས་སུ་ཆགས་པའི་དགའ་ལྡན་ཁྲི་ཐོག་ཁང་གི་བཀྲ་ཤིས་པའི་གཙུག་ལག་ཁང་གི་ཚོམས་ཆེན་དུ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་རབ་བྱུང་གི་མཁན་པོ་དང། དགའ་ཤར་ཁ་རི་མཁན་སྤྲུལ་རིན་པོ་ཆེ་བསྟན་འཛིན་བློ་བཟང་མཆོག་གིས་དགེ་ཚུལ་གྱི་སློབ་དཔོན། དགའ་བྱང་བླ་མ་གཞུང་ལས་པ་དགེ་བཤེས་བསྟན་འཛིན་རྒྱ་མཚོས་དུས་གོ་དང་གྲོགས་དན་མཛད་པ་དང། དགའ་ལྡན་ཁྲི་ཐོག་ཁང་གི་དྲུང་ཆེ་དང་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ངེས་སྟོན་པ་གཅིག་ལྕོགས་འབྲས་སྤུངས་སྒོ་མང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་མཚན་མཆོག་དང་། དགའ་བྱང་མཁན་རིན་པོ་ཆེ་རྗེ་བཙུན་་བློ་བཟང་བསྟན་པ་མཆོག དགའ་ཤར་སྤྲུལ་སྐུ་བསྟན་འཛིན་འོད་ཟེར་རིན་པོ་ཆེ། དགའ་ཤར་དགེ་བཤེས་དཀོན་མཆོག་བཙུན་གྲུས་ དགའ་བྱང་དགེ་བཤེས་བློ་བཟང་ཟླ་བ་བཅས་ཀྱིས་ལས་གྲལ་མཛད་ནས། བསྒྲུབ་བྱ་དགའ་ལྡན་ཤར་བྱང་གྲྭ་ཚང་གཉིས་ཀྱི་སློབ་གཉེར་བ་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་གཉིསདང་ཉག་མ་དྲུག་དང། (༡༢༦ དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་བླངས་སོ།། August 25, 2023Events TibetanGeluk Foundation
སྐུའི་འཁྲུངས་སྐར་སྲུང་བརྩི། ཕྱི་ཟླ་ ༧ པའི་ཚེས་ ༦ དེ་བཞིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་ཁྲུངས་སྐར་ལགས་ན། སྐལ་བཟང་གི་ཉིན་མོ་དེར་འདི་ག་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ནས། མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྟེན་འབྲེལ་དུ། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་ཞིག་སྟེ། མཧྷ་གོ་ནི་ཞེས་པའི་ཤིང་སྡོང་ལྔ་བརྒྱ་བརྒྱད་དང་། བྱང་ཆུབ་ལྗོན་ཤིང་། མེ་ཏོག་སྣ་ཚོགས་འདེབས་འཛུགས་ཞུས་པ། July 7, 2023Events TibetanGeluk Foundation
ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༤ ཚེས་ ༢༥ ནས་ ཟླ་ ༥ ཚེས་ ༡ བར་བདུན་གཅིག་རིང་དགའ་ལྡན་ཁྲི་ཐོག་ཁང་དུ་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རིགས་གཅིག་རྐང་འཛིན་ཉམས་ཞིབ་སྐབས་གཉིས་པ་དགེ་བཤེས་དང་དགེ་བཤེས་མ་རྣམས་ལ་གཞུང་ཆེན་བཀའ་པོད་ལྔ་དང་། གསང་སྔགས་རྒྱུད་སྡེ་བཞི་ དུས་འཁོར་ཐོག་ཉམས་ཞིབ་ཀྱི་ཐབས་ལམ་དང་ལུང་མཆན་འགོད་ལུགས་སྲོལ་རྒྱུན་དང་དེང་དུས་ཀྱི་ཁྱད་པར་གྱི་ཐོག་ནས་ཟབ་སྦྱོང་དང་སྦྱོང་བརྡར་ཕུལ། April 30, 2023Events TibetanGeluk Foundation
གནས་མཆོག་རྡོ་རྗེ་གདན་དུ། དགའ་ལྡན་ཁྲི་ཐོག་ཁང་དང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཐུན་མོང་གིས་གོ་སྒྲིག་ཞུས་ཏེ། དཔལ་མཉམ་མེད་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་ཀྱི་བརྙན་ཐུང་། January 14, 2023Events TibetanGeluk Foundation
༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ། November 22, 2022Events TibetanGeluk Foundation
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་ཚོགས་ཁོངས་གྲྭ་ཚང་བཅུ་གཅིག་ཐུན་མོང་གིས་གོ་སྒྲིག་ཞུས་ཏེ་དགེ་འདུན་འདུས་མང་གི་འཕྲོད་བསྟེན་ཡར་རྒྱས་ཡོངས་ཐབས་སུ། འདུས་མང་གི་སྤྱི་ཐབ་ཁང་ངམ་ལྷོ་ཚང་ཁག་ཏུ་རྒྱུན་གྱི་ཞལ་ལག་བཟོ་ཕྱོགས་དང་། ཞལ་ལག་གི་རྒྱུ་ཆ་བཅས་ཀྱི་སྐོར་ལ་ཉིན་ལྔའི་རིང་ཟབ་སྦྱོང་འཚོགས་བཞིན་པ། August 24, 2022Events TibetanGeluk Foundation
༄༅། །འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་བཞུགས་སྒར་རྡ་ས་ནས་ཆིབས་སྒྱུར་གྱིས་ཅན་རྡི་སྒར་བརྒྱུད་ཁ་སང་ཕྱི་ཚེས་ ༡༢ ཉིན། ལ་དྭགས་གླེ་ལ་ཕེབས་འབྱོར་སྐབས་ཁྲིག་སེ་རིན་པོ་ཆེ་དང། བཀྲས་ལྷུན་མཁན་ཟུར་རིན་པོ་ཆེ་བློ་བཟང་ཚེ་བརྟན། སྒོ་མང་མཁན་ཟུར་རིན་པོ་ཆེ་བློ་བཟང་རྒྱལ་མཚན་དང་ནང་ཚོགས་དང་དགོན་ཚོགས་ཀྱི་དབུ་སྐྱོང་གཙོས་དད་ལྡན་མི་མང་ནས་སེར་སྦྲེངས་དང་བཅས། ནང་ཚོགས་དང་དགོན་ཚོགས་སོགས་ནས་ཕེབས་སྟོན་མཛད་སྒོ་གཟབ་རྒྱས་ཞུས། སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་དྭགས་སུ་ཟླ་གཅིག་མིན་ཙམ་བཞུགས་ཏེ། དད་ལྡན་མི་མང་ལ་ཆོས་འབྲེལ་དང་། དགོན་སྡེ་ཁག་ཏུ་གསར་ཞུགས་རྣམས་ལ་དགེ་ཚུལ་གྱི་སྡོམ་པ་འབོགས་ཆོག་གནང་རྒྱུའི་མཛད་འཆར་སོགས་ཡོད། July 14, 2022Events TibetanGeluk Foundation
ཕྱི་ཟླ་ ༧ པའི་ཚེས་ ༦ དེ་བཞིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གི་ཁྲུངས་སྐར་ལགས་ན། སྐལ་བཟང་གི་ཉིན་མོ་དེར་འདི་ག་རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ནས། མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་རྟེན་འབྲེལ་དུ། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཤིང་སྣ་འདེབ་འཛུགས་ཀྱི་ལས་གཞི་རྒྱ་ཆེན་ཞིག་སྤེལ། July 7, 2022Events TibetanGeluk Foundation
ནང་པའི་སློབ་གཉེར་ཁང་དབུ་བརྙེས་པའི་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས། July 5, 2022Events TibetanGeluk Foundation
༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༣ ཉིན། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་དབུ་བཞུགས་སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། མཚུངས་མེད་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་མཆོག། གདན་ས་གྲྭ་ཚང་ཁག་གི་མཁན་རིན་པོ་ཆེ་རྣམ་པ། ནང་པའི་སློབ་གཉེར་ཁང་གི་སློབ་སྟོན་པ་རྒྱ་གར་གྱི་ཆེས་མཐོའི་མི་སྣ་དང་ཆེད་མཁས་པ་ཁག་ཅིག་བཅས། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་ལ་མཇལ་བཅར་ཐོག་ནང་པའི་སློབ་གཉེར་ཁང་གི་བཅའ་ཁྲིམས་མཚན་རྟགས་འབྱར་མའི་རྩ་འཛིན་ཡིག་ཆ་དེ་ཉིད་སྤྱན་འབུལ་དང་འབྲེལ་ལམ་སྟོན་བཀའ་སློབ་བཟང་པོ་ཐོབ། July 5, 2022Events TibetanGeluk Foundation
༄༅། །༧སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ས་ག་ཟླ་བའི་དུས་ཚིགས་ཁྱད་པར་ཅན་དང་བསྟུན་ཕྱི་ཟླ་ ༦ ཚེས་ ༡༠ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྔགས་ཀྱི་འཛིན་གྲྭ་དབུ་འཛུགས་ཀྱི་རྟེན་འབྲེལ་མཛད་སྒོའི་ཚོགས་མགོན་དུ་དབུ་བཞུགས་གནང་། June 12, 2022Events TibetanGeluk Foundation
༄༅། །དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་ནས་ཟླ་ ༥ ཚེས་ ༢༤ ནས་ ༣༠ བར་ཉིན་གྲངས་བདུན་རིང་གི་ཆོས་འབྲེལ་ལེགས་པར་གྲུབ་རྗེས་ཁ་སང་ཕྱི་ཚེས་ ༣༠ ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་བརྟན་བཞུགས་འདེགས་འབུལ་དང་། དེ་རྗེས་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ནས་མོན་གྷོ་འདོད་རྒུ་གླིང་སེར་སྐྱ་མི་མང་ཡོངས་ཀྱིས་ཚབ་ཞུས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། June 9, 2022Events TibetanGeluk Foundation
ཕྱི་ཟླ་ ༥ པའི་ཚེས་ ༢༤ ཉིན་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་རྗེ་བླ་མའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་རྒྱལ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ། གྲྭ་ཚང་གི་གོ་སྒྲིག་འོག་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་དང་དཔའ་བོ་གཅིག་པ་གཉིས་ཀྱི་དབང་ཆེན་གྱི་སྟ་གོན་གནང། June 9, 2022Events TibetanGeluk Foundation
བོད་ཟླ་ ༣ ཚེས་ ༡༦ ཕྱི་ཟླ་ ༥ པའི་ཚེས་ ༡༧ ཉིན་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་རྗེ་བླ་མའི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་རྒྱལ་དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་གཙུག་ལག་ཁང་དུ། དེ་གའི་གྲྭ་ཚང་གི་བླ་སྤྲུལ་ཚོགས་པས་གོ་སྒྲིག་འོག་སྔ་ལོའི་འཕྲོས་རྒྱལ་ཚབ་རྗེའི་གསུང་ཕར་ཕྱིན་རྣམ་བཤད་སྙིང་པོ་རྒྱན་གྱི་བཤད་ལུང་གནང་དབུ་ཚུགས་པ་དང། གསུང་ཆོས་དེ་བཞིན་ཉིན་རྒྱབ་ཆུ་ཚོད་ ༡.༣༠ ནས་ ༤.༣༠ བར་དང་། དེའི་རྗེས་སེང་གདོང་མའི་རྗེས་གནང་། ཕྱི་ཚེས་ ༢༡ ནས་དགའ་བྱང་ཧར་གདོང་ཁང་ཚན་གྱིས་གསོལ་འདེབས་ཞུས་དོན་ལྟར་ཕྱག་རྡོར་འཁོར་ཆེན་ལྷ་བཅོ་བརྒྱད་ཀྱི་དབང་ཆེན་གྱི་སྟ་གོན་དང་དངོས་གཞི་ཉིན་གཉིས་བཅས། ཕྱི་ཚེས་ ༡༧ ནས་ ༢༢ བར་ཉིན་དྲུག་གི་རིང་གནང་གཏན་འཁེལ་ཡོད་འདུག།། May 18, 2022Events TibetanGeluk Foundation